The Four Truths
A translation from the 8th Chapter of Acharya Nyima Tsering's "The Wisdom Light".
"Just as one who, knowing its cause, rebukes a sickness,
And attains a state of health by relying upon a medicine,
So, too, is suffering and its cause known and rebuked,
By recognizing cessation and its path as that to be relied upon." - The Lord Maitreya
རྗེ་བཙུན་བྱམས་པས༎
ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།།
བདེ་གནས་འཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར༎
སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་ཡི་ལམ༎
ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ༎
"Suffering is to be known;
Its origin to be abandoned;
The path to be practiced;
And, ultimately, (suffering's) cessation to be realized." - The One Who Has Thus Gone (an epithet of the Buddha)
དེ་བཞིན་གཤེགས་པས། སྡུག་བསྣལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། ལམ་བསྒོམ་པར་བྱ། འགོག་པ་མངོན་དུ་བྱ།
As it is said, when the Buddha spoke his dharma, he spoke nothing beyond the Four Truths. Those Four Truths were the truth of suffering, the truth of its origin, the truth of its cessation, and finally, the truth of the path which leads to its cessation.
ཞེས་གསུངས་པ་བཞིན་སངས་རྒྱས་ཀྱི་ཆོས་དང་པོ་གསུང་དུས་བདེན་པ་བཞི་མ་གཏོགས་འང་པ་མ་གསུངས། དེ་ཡང་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་བདེན། ལམ་བདེན་བཅས་བདེན་པ་བཞི་ཡིན།
The truths of suffering and origin were set forth for the benefit of those still stuck in samsara, while the truths of cessation and path were established for those already turning away from suffering.
འཁོར་བར་འཇུག་པའི་ཆ་ནས་སྡུག་ཀུན་གཉིས་དང་། འཁོར་བ་ལས་ལྡོག་པའི་ཆ་ནས་འགོག་བདེན་དང་ལམ་བདེན་གཉིས་བཞག་པ་ཡིན།
It is not said that happiness and suffering are permanent or spontaneously arisen states; It also isn't said that they arise without causes or conditions. Indeed, it's a fundamental truth that each and every existence comes to be only in dependence upon causes and conditions.
བདེ་བ་དང་སྡུག་བསྔལ་དེ་རྟག་པ་རང་བྱུང་ལས་འབྱུང་བ་མི་གསུང་ལ་རྒྱུ་མེད་རྐྱེན་མེད་ལས་འབྱུང་བ་ཡང་གསུངས་མེད་ཅིང་གཙོ་བོ་རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན།
Moreover, it is in dependence upon the origin of afflictive emotions that everything arises; they are the source binding us to samsara. It is through the strength gained from practicing the truth of the path that well-being and peace are established; That establishment is, in turn,the truth of the cessation of suffering.
དེ་ཡང་འཆིང་བྱེད་ལས་དང་ཉོན་མོངས་པའི་ཀུན་འབྱུང་ལ་བརྟེན་ནས་བྱུང་བ་ཡིན། བདེ་བའི་ཆ་ནས་ལམ་བདེན་ཉམས་སུ་བླངས་པའི་སྟོབས་ཀྱིས་སྡུག་བསྔལ་ཞི་བར་བྱས་ནས་འགོག་བདེན་བཞག་པ་ཡིན།
Generally, it is only peace which liberates one from the suffering of samsara; and of existence and quiescence, nothing is left out by attaining the state of buddha-hood through peace, for samsara's deterioration and nirvana's attainment exist simultaneously.
སྤྱིར་འཁོར་བའི་སྡུག་བསྔལ་ཞི་ཙམ་གྱིས་ཐར་པ་དང་། སྲིད་ཞིའི་རྒུད་པ་མ་ལུས་པ་ཞི་བས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བཅས་གཉིས་ཡོད།
For the sake of liberating oneself from the afflictions that bind, one must come to experience the truth of the path. Familiarizing oneself with all of the teachings is a bestowal of the path's teaching.
ཐར་པ་དེ་ཉོན་མོངས་ཀྱིས་བཅིངས་པ་ལས་གྲོལ་བར་བྱེད་ཆེད་ཀྱི་ལམ་བདེན་ཉམས་སུ་བླངས་པ་ལས་བྱུང་བ་ཡིན། སྟོན་པས་དེ་ཐམས་ཅད་ཉམས་མྱོང་གིས་ལམ་སྟོན་གནང་ཡོད།
Comments