སྙིང་སྡུག་བསྟན་འཛིན་སྒྲོལ་མ་ལགས། Nyingdu Tenzin Dolma





སྙིང་སྡུག་ལ་ནི་སྙིང་སྡུག སྙིང་སྡུག་བསྟན་འཛིན་སྒྲོལ་མ་ལགས།
ཁྱེད་ནི་ནམ་མཁའི་ལྷ་མོ་འདྲ་ལ། ནམ་མཁའི་ལྷ་མོ་འདྲ་ལ།
བུ་ཆུང་ལ་ང་ཡིས། སེམས་པ་ཁྱེད་ལ་ཤོར།
བརྩེ་སེམས་ལ་འགྱུར་བ་མེད་ན།
མི་ཚེ་མཉམ་སྐྱོང་ཞུས་ཆོག ལ་ནི་ཞུས་ཆོག ལ་ནི་ཞུས་ཆོག
ཨོ། མི་ཚེ་མཉམ་སྐྱོང་ཞུས་ལ་ནི་ཆོག ཞུས་ལ་ནི་ཆོག


བསོ། ཡ་ལ། ཡ་ཧ་ལ་ནི་བསོ།
བསོ། ཡ་ལ། ཡ་ཧ་ལ་ནི་བསོ།
ང་ཡི་སེམས་ཀྱི་སྙིང་སྡུག སེམས་ཀྱི་སྙིང་སྡུག བསྟན་འཛིན་སྒྲོལ་མ་ལགས།


སྙིང་སྡུག་ལ་ནི་སྙིང་སྡུག སྙིང་སྡུག་བསྟན་འཛིན་སྒྲོལ་མ་ལགས།
ཁྱེད་ནི་པདྨའི་མེ་ཏོག་འདྲ་ལ། པདྨའི་མེ་ཏོག་འདྲ་ལ།
ང་ཡི་ལ་སེམས་ཀྱི་བུང་བ། ཁྱེད་ཀྱི་ཕྱོགས་ལ་འཕུར་སོང་།
དམ་ཚིག་ལ་མཐུན་པ་བསམ་ལ་ན། ལྡུམ་རའི་ནང་དུ་འཛོམས་ཤོག
ལ་ནི་འཛོམས་ཤོག ལ་ནི་འཛོམས་ཤོག ཨོ་དུམ་རའི་ནང་དུ་འཛོམས་ལ་ནི་ཤོག འཛོམས་ལ་ཤོག


བསོ། ཡ་ལ། ཡ་ཧ་ལ་ནི་བསོ།
བསོ། ཡ་ལ། ཡ་ཧ་ལ་ནི་བསོ།
ང་ཡི་སེམས་ཀྱི་སྙིང་སྡུག སེམས་ཀྱི་སྙིང་སྡུག བསྟན་འཛིན་སྒྲོལ་མ་ལགས།

Comments

Popular Posts